嘉旺竹巴法王 Gyalwang Drukpa

ངའི་ཡབ་མེས་བཻ་རོ་ཙཱ་ན། 獻給我摯愛的父親毗盧遮那 (示範曲)

0 out of 50 out of 50 out of 50 out of 50 out of 5 0 Ratings
Add to current playlist File
ངའི་ཡབ་མེས་བཻ་རོ་ཙཱ་ན། 獻給我摯愛的父親毗盧遮那 (示範曲)

Lyrics

༄༅། །མཛེས་སོ་མཛེས་སོ་ལྷ་ཡི་མེ་ཏོག །གསལ་ལོ་གསལ་ལོ་རྣམ་དཀར་སྣང་བ། །རྒྱས་བྱུང་རྒྱས་བྱུང་སངས་རྒྱས་བསྟན་པ། །དགའ་འོ་དགའ་འོ་མཆེད་གྲོགས་ཕོ་མོ་ལྷན་རྒྱས། །རི་ཁྲོད་ཨ་མི་ཏ་བྷ། བདེ་ཆེན་ཞིང་གི་བདེ་སྐྱིད་འཛོམས་འདུག །ཆོས་སྲིད་དཔལ་འབྱོར་ཨ་ལ་ལ་སྟེ། །དགའ་སྐྱིད་འཛོམས་པའི་ཉི་མ་དེ་རིང་ཤར་བྱུང༌། ཡབ་མེས་བཻ་རོ་ཙཱ་ན། ཁྱོད་ཀྱི་བཀའ་དྲིན་ནམ་ཡང་མི་བརྗེད། །རྩ་བའི་བླ་མའི་ཐུགས་སྐྱེད་བཀའ་དྲིན། །དུས་ལ་བབས་པའི་རྟེན་འབྲེལ་བཟང་པོ་མཐོང་བྱུང༌། ངེད་ཅག་ཕ་མ་བུ་གསུམ། འཛམ་བུ་གླིང་འདིར་ཞལ་འཛོམས་བྱུང་བ། །སྨོན་ལམ་བཟང་པོའི་གྲུབ་འབྲས་རེད་འདུག །གཞན་དོན་རྒྱ་ཆེན་འགྲུབ་པར་ཐེ་ཚོམ་མི་འདུག །མཛེས་སོ་མཛེས་སོ་ལྷ་ཡི་མེ་ཏོག ། །གསལ་ལོ་གསལ་ལོ་རྣམ་དཀར་སྣང་བ། །རྒྱས་བྱུང་རྒྱས་བྱུང་སངས་རྒྱས་བསྟན་པ། །དགའ་འོ་དགའ་འོ་མཆེད་གྲོགས་ཕོ་མོ་ལྷན་རྒྱས། །རི་ཁྲོད་ཨ་མི་ཏ་བྷ། བདེ་ཆེན་ཞིང་གི་བདེ་སྐྱིད་འཛོམས་འདུག །ཆོས་སྲིད་དཔལ་འབྱོར་ཨ་ལ་ལ་སྟེ། །དགའ་སྐྱིད་འཛོམས་པའི་ཉི་མ་དེ་རིང་ཤར་བྱུང༌། །ཨ་ལ་ལ་ཧོ། ང་ཚོ་ཕོ་གསར་ཚང་མས། །བྲོ་རྭ་གཡས་ལ་སྐོར་དང༌། །ཨ་ལ་ལ་ཧོ། བྲོ་རྭ་གཡས་སུ་སྐོར་དང༌། བྱམས་པའི་སེམས་ཀྱི་དགའ་སྟོན། །ཆོས་ལ་འཛོམས་པའི་རྟེན་འབྲེལ། །ཨ་ལ་ལ་ཧོ། ང་ཚོ་མོ་གསར་ཚང་མས། །བྲོ་རྭ་གཡོན་ལ་སྐོར་དང༌། །ཨ་ལ་ལ་ཧོ། བྲོ་ར་གཡོན་ལ་སྐོར་དང༌། །སྟོང་ཉིད་སྙིང་རྗེ་ཟུང་འཇུག །བདེ་བ་ཆེན་པོའི་རྟེན་འབྲེལ། །ཨ་ལ་ལ་ཧོ། མཆེད་གྲོགས་ཕོ་མོ་ལྷན་རྒྱས། །དགའ་བ་འཁྱིལ་བའི་ཞབས་བྲོ། །ཨ་ལ་ལ་ཧོ། ཕོ་རྒྱུད་དཔའ་བོའི་བྲོ་ཞིག་མ་བརྡུང་ཡ། །ཕོ་རྒྱུད་དཔའ་བོའི་བྲོ་ཞིག་བརྡུང་ཡོད་ལགས། །ཕོ་རྒྱུད་དཔའ་བོའི་བྲོ་འདིས། ཡབ་ཡུམ་གཉིས་ཀྱི་བཞེད་དོན་རྣམས། །གེགས་མེད་འགྲུབ་པའི་རྟེན་འབྲེལ་བཀྲ་ཤིས་ཤོག །མོ་རྒྱུད་དཔའ་མོའི་བྲོ་ཞིག་མ་བརྡུང་ཡ། །མོ་རྒྱུད་དཔའ་མོའི་བྲོ་ཞིག་བརྡུང་ཡོད་ལགས། །མོ་རྒྱུད་དཔའ་མོའི་བྲོ་འདིས། །རྩ་བའི་བླ་མའི་སྐུ་ཚེ་བརྟན། །ཆོས་སྲིད་བསྟན་པ་དར་བའི་བཀྲ་ཤིས་ཤོག །

བུ་ཆུང་འབྲུག་པས་བྲིས།། །།

 


Bookmark

Comments
Hits 2330
« བླ་མ་ཡིད་བཞིན་ནོར་བུ། 如意滿願寶 (示範曲) དཀར་པོ་གངས་རིའི་མགོན་པོ། 愛的雪花 (演示專輯) Songs སྡོང་པོའི་རྩེ་ཡི་ཁམ་བུ། 樹梢上的杏子 (示範曲) »
 
 

視頻分享

嘉旺竹巴法王慶生會:
尼師表演功夫

聯絡處

DRUKPA PUBLICATIONS PVT. LTD.
D301, Sushant Arcade,
Sushant Lok-1,
Gurgaon 122001, India
電郵:news@drukpa.com

目前有 76 個訪客 在線上